I am a postdoctoral research fellow at the School of Languages, Cultures, and Societies, University of Leeds. I hold a BA from Duke University, an MPhil from the University of Oslo, and a PhD from SOAS, University of London, in 2022, focusing on the pragmatics in Old Tibetan texts from Dunhuang. My research interests include philology, sociolinguistics, and the oral traditions of Tibet. I am a member of the International Association for Tibetan Studies and write in English, Tibetan, and Chinese. I also translate literary and academic works between Tibetan, English, and Chinese languages.
ཁོ་བོའི་མིང་ལ་ཚེ་རིང་བསམ་གྲུབ་ཟེར་ཞིང་ད་ལྟ་དབྱིན་ཇིའི་ལིས་ཙི་སློབ་གྲྭ་ཆེན་མོའི་འབུམ་རམས་རྗེས་ཀྱི་ཞིབ་འཇུག་པ་ཡིན། ༢༠༢༢ ལོར་ལོན་ཏོན་སློབ་གྲྭ་ཆེན་མོའི་ཨེ་ཤེ་ཡ་དང་ཨ་ཕེ་རི་ཀ་སློབ་གླིང་དུ་ལོ་རྒྱུས་སྐད་བརྡ་རིག་པའི་འབུམ་རམས་པའི་བསླབ་གནས་བླངས་པའི་ཡར་སྔོན་ནོར་ཝེའི་ཨོ་སི་ལོ་སློབ་ཆེན་དང་ཨ་རིའི་ཏུཀེ་སློབ་ཆེན་དུ་རབ་འབྱམས་པ་དང་ཤེས་རམས་པའི་བསླབ་གནས་བླངས། ངའི་ཞིབ་འཇུག་གི་ཁྱབ་ཁོངས་ནི་བོད་ཀྱི་ཡིག་རྙིང་དང་ལོ་རྒྱུས་སྐད་བརྡ་རིག་པ། སྤྱི་ཚོགས་སྐད་བརྡ་རིག་པ། དམངས་སྲོལ་རིག་པ་སོགས་ཡིན་ཞིང་ད་ལྟའི་བར་དུ་གླེང་གཞི་འདི་དག་གི་སྐོར་ལ་རྒྱ་བོད་དབྱིན་ཇི་བཅས་ཡིག་རིགས་གསུམ་གྱི་ལམ་ནས་དཔྱད་རྩོམ་བཅུ་ཕྲག་གཉིས་ཙམ་རིག་གཞུང་དུས་དེབ་དང་དཔྱད་རྩོམ་ཕྱོགས་བསྒྲིགས་ཁག་ཏུ་སྤེལ་ཡོད། ང་རང་རྒྱལ་སྤྱིའི་བོད་རིག་པ་ཞིབ་འཇུག་བགྲོ་གླེང་ཚོགས་ཆེན་སྐབས་གསུམ་དང་བཅས་པའི་རྒྱལ་སྤྱིའི་ཚོགས་འདུ་ཆེ་མ་ཆུང་གསུམ་བཅུ་སྙེད་ལ་ཞུགས་ཏེ་དཔྱད་རྩོམ་བགྲོ་གླེང་བྱས་ཤིང་ཤར་ནུབ་ཀྱི་གཙུག་ལག་སློབ་ཆེན་ཁག་ཅིག་ཏུ་རིག་གཞུང་སྙན་ཞུ་ཕུལ་མྱོང་། ཁོ་བོས་ལས་ཞོར་དུ་དབྱིན་བོད་ཀྱི་རྒྱ་གསུམ་གྱི་རིག་གཞུང་དང་རྩོམ་རིག་གི་ལོ་ཙཱའི་ལས་ཀའང་གཉེར་བཞིན་ཡོད་པ་བཅས་སོ། །